2011-10-21

两日游石城HAMPI


HAMPI的历史背景: 公元1336年,毗伽耶纳伽罗王朝(Kingdom of Vijayanagara)在印度南部的德干高原上兴起,领域包括卡纳塔克邦、玛哈拉施特拉邦和安得拉邦,首都就是今天的Hampi,由南印度甘比离王国的大臣诃利诃罗和布迦两兄弟建立的。

2011-07-02

ཀུ་ཤུ་རྟགས་ཅན་གྱི་བོད་ཡིག་མཉེན་ཆས།

ཁྱེད་ཀྱི་ཀུ་ཤུ་རྟགས་ཅན་གྱི་འཕྲུལ་ཆས་ནང་བོད་ཡིག་མཉེན་ཆས་འདི་དག་བླུགས་ཆོག།།http://www.learntibetan.net/resources/iphone.htm

2011-05-08

མ་ཡུམ་དུས་ཆེན་

དེ་རིང་ནི་རང་ཉིད་དྲིན་གྱིས་བསྐྱངས་པའི་མ་ཡུམ་དུས་ཆེན་ཡིན་པས་དྲྭ་གྲོགས་རྣམས་ནས་རྒྱང་རིང་དུ་བཞུགས་པའི་རང་གི་དྲིན་ཆེན་ཨ་མ་ལ་ཞལ་པར་ཕུལ་བ་སོགས་ཀྱི་བཀྲིས་འཚམས་འདྲི་ཞུ་རྒྱུ་མ་བརྗེད་པ་གནང་རོགས། ཐུགས་རྗེ་ཆེ།

མ་གཡེལ་དུས་དྲུག་གཅེས་ཕྲུག་བྱམས་བརྩེས་སྐྱོང
མ་ནོར་ཤེས་ཡོན་ནོར་བུ་ཁོག་ཏུ་འཇུག
མ་ཡུལ་གངས་ཅན་ལྗོངས་སུ་འཚོ་བཞུགས་པའི་
མ་སྐྱེས་ཨ་མའི་བཀའ་དྲིན་མཚོ་ལས་ཟབ་

ཉེན་འགོག་དྲྭ་བའི་གྱང་ལས་བརྒལ་བྱེད་ཀྱི་མཉེན་ཆས་ རང་དབང་རྒྱལ་སྒོ་ ༧ཚེག་༡༠

ཉེན་འགོག་དྲྭ་བའི་གྱང་ལས་བརྒལ་བྱེད་ཀྱི་མཉེན་ཆས་རང་དབང་རྒྱལ་སྒོ་ ༧ཚེག་༡༠  རང་དབང་རྒྱལ་སྒོ་7.10  
འདིའི་ཐོག་མནོན་ནས་ཕབ་བཤུས་བྱ་རོགས་ མཉེན་ཆས་འདིས་དྲྭ་བ་ཡོངས་རྫོགས་ཚེགས་མེད་ཀྱིས་བལྟ་ཐུབ་ ལྷག་པར་དུ་བོད་ནང་བཞུགས་པའི་དྲྭ་གྲོགས་རྣམས་ལ་ཕན་ཐོགས་ཧ་ཅང་ཆེན་པོ་ཡོད།
དབྱིན་ཡིག་དང་རྒྱ་ཡིག་ཐོག་མཉེན་ཆས་འདིའི་བཀོལ་སྤྱོད་བྱ་སྟངས་རྒྱས་པ་འོག་ཏུ་གཟིགས་

2011-04-18

རྒྱ་གར་ བསམ་ཡུལ་ལས་འདས་པའི་ཡུལ་ལུང་ (ཁྱབ་བསྒྲགས་)


   ནམཡངམཛེས་སྡུག་ལྡན་པའིམཚོན་དོན་གྱི་རི་མོཞིག་
རྒྱ་གར་ནི་ཚོས་མདོག་སྣ་ཚོགས་དེ་ལྔ་ཡིས་བརྒྱན་པའི་དར་གོས་ཞིག་དང་འདྲ་ ཡུལ་ལུང་སོ་སོའི་རྣམ་པ་མི་འདྲ་བ་མཚོན་དོན་གྱི་ཁ་དོག་དེ་རྣམས་ཀྱི་ཚབ་བྱ་ཐུབ་ས་ཆ་མི་འདྲ་བ་ཁག་ལྔ་ བཟོ་བཀོད་རྣམ་པ་མི་འདྲ་བ་ལྔ་ དེ་མིན་སྐྱེ་བོ་འདྲ་མིན་ལྔ་དང་རྒྱ་གར་གྱི་ཐུན་མིན་གྱི་ཁྱད་ཆོས་གསུམ་བཅས་ངོ་སྤྲོད་བྱ་རྒྱུ་ཡིན
མུ་འཐུད་

ལྷོ་ཕྱོགས་ཀྱི་ཚ་ཟེར་

ཚ་ཟེར་གྱི་གཟི་བྱིན་ཆེ་དྲགས་ནས་
ངའི་གློ་སྙིང་དང་ནང་ཁྲོལ་ཡོངས་སུ་བཞུར་
ཚ་ཟེར་ལགས་


ཁྱེད་དང་ང་ཚེ་སྔོན་གྱི་ཞེ་འཁོན་དང་བུ་ལོན་ཅི་ཞིག་ཡོད་
ང་ཙམ་མ་ཟད་འདིར་གནས་པའི་སྲོག་ཆགས་ཀུན་ལ་སྡངས་
ཁྱེད་ལ་ཡ་ང་དང་སྙིང་རྗེ་གདུང་སེམས་ཀྱི་ཚོར་བ་
དེ་འདྲ་མེད་པ་ཅི་ཡིན་
མཚན་མོའི་བསིལ་ཟེར་བཞིན་
དྭདས་བསིལ་དང་ཞི་འཇམ་
བྱམས་བརྩེའི་འོད་སྣང་ཞིག་སྟེར་ན་
ཁྱེད་ནི་ང་ཚོའི་མིག་དང་ལུས་ཀྱི་དགའ་སྟོན་ཞིག་ཏུ་གྱུར་
ཨ་ཧོ་ ཉི་མ་ལགས་