2016-04-01

༄༅།། །། སོ་ནད་འཇོམས་པའི་སྔགས།



ཤོག་བུར་ནད་པའི་མིང་བྲིས། དེ་ཀ་བའམ་གདོང་གི་ལོགས་ལ་སྦྱར། ལྕགས་གཟེར་སོར་གསུམ་པའི་ཞིག་ལ་མིང་ཡིག་སྟེང་བཟུང་ལ། 

༄༅།། །།འཕགས་པ་སྤྱན་རས་གཟིགས་ཀྱི་སྒོ་ནས་མིག་གི་ཉེས་སྐྱོན་སེལ་བའི་གདམས་པ་ཟུག་རྔུ་ཚ་གདུང་སེལ་བའི་ཟླ་ཟེར་ཞེས་བྱ་བ་བཞུགས་སོ།།

རྒྱལ་ཀུན་སྙིང་རྗེའི་རང་གཟུགས་ལྷག་པའི་ལྷ།   སྤྱན་རས་གཟིགས་དབང་ཞབས་ལ་གུས་བཏུད་ནས།  དབང་པའི་དངས་མ་མིག་གི་ཟུག་རྔུ་ཀུན། སེལ་བྱེད་གདམས་པའི་སྙིང་པོ་འདི་ན་བྲི།  དེ་ལ་ཐོག་མར་རང་ཉིད་བདེ་བའི་སྟན་ལ་འཁོད་དེ།  ཁྲུས་དང་གཙང་སྦྲ་སྔོན་དུ་འགྲོ་བས། སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་བསྒོམ་པ་སྤྱི་ལྟར་བྱ།