རྒྱལ་ཀུན་སྙིང་རྗེའི་རང་གཟུགས་ ལྷག་པའི་ལྷ། སྤྱན་རས་གཟིགས་དབང་ཞབས་ལ་གུས་ བཏུད་ནས། དབང་པའི་དངས་མ་མིག་གི་ཟུག་རྔུ་ ཀུན། སེལ་བྱེད་གདམས་པའི་སྙིང་པོ་འདི་ ན་བྲི། དེ་ལ་ཐོག་མར་རང་ཉིད་བདེ་བའི་སྟ ན་ལ་འཁོད་དེ། ཁྲུས་དང་གཙང་སྦྲ་སྔོན་དུ་འགྲོ་ བས། སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་ བཞི་བསྒོམ་པ་སྤྱི་ལྟར་བྱ།
དེ་ནས་འདི་ལྟར་གསལ་བཏབ་པར་བྱའོ། བདག་ལུས་ཐ་མལ་གནས་པའི་སྤྱི་བོ་ རུ། པཾ་ལས་པདྨ་ཨ་ལས་ཟླ་དཀྱིལ་སྟེང་། ཧྲཱི༔ཡིག་དཀར་པོ་འོད་ཟེར་འཕྲོས་ པ་ལས། ངོ་བོ་དྲིན་ཆེན་རྩ་བའི་བླ་མ་དང་ ། དབྱེར་མེད་འཕགས་མཆོག་སྤྱན་རས་ གཟིགས་དབང་ཕྱུག། ཤེལ་དཀར་ཞུན་མའི་མདངས་ཅན་ཞི་འཛུ མ་ཉམས། ཕྱག་གཡས་མཆོག་སྦྱིན་གཡོན་པས་བདེ ་དཀར་འཛིན། རི་དྭགས་ལྤགས་པའི་ག་ཤལ་རིན་ཆེན་ བརྒྱན། དར་གྱི་སྨད་གཡོགས་ཞབས་གཉིས་མཉམ་ སྟབས་བཞེངས། སྐུ་ལས་སྐྱེས་པའིི་འོད་ཕུང་དབུ ས་ན་བཞུགས། དེ་ཡི་གནས་གསུམ་ཡིག་འབྲུ་གསུམ་ མཚན་པའི། ཐུགས་ཀའི་ལས་འཕྲོས་འོད་ཟེར་གྱི ས། ཡེ་ཤེས་སེམས་དཔའ་དབང་གི་ལྷ་དང་ བཅས། སྤྱན་དྲངས་ཡི་དམ་དབྱེར་མེད་དབང་ གི་ལྷས། དབང་བསྐུར་འོད་དཔག་མེད་ཀྱིས་དབུ ་བརྒྱན་གྱུར། ཨོཾ་གུ་རུ་ཨརྱ་ཝ་ལོ་ཀི་ཤྭར་ཨརྒྷ ཾ་ནས་ཤཔྟའི་བར་གྱིས་མཆོད། སྐྱོན་གྱིས་མི་གོས་ ཞེས་སོགས་ཀྱིས་བསྟོད། འཕགས་པའི་ཐུགས་ཀར་ཟླ་བའི་དཀྱི ལམའཁོར་དབུས། ཧྲི༔ཡིག་འབྲུ་དྲུག་སྔགས་ཀྱི་བསྐ ོར་བ་ལས། འོད་ཟེར་དཀར་གསལ་བདུད་རྩིའི་རང་ བཞིན་འཕྲོས། རང་གི་མིག་ལ་ཕོག་པས་ཉེས་སྐྱོན་ ཀུན། སངས་ཏེ་དག་ནས་འཕགས་པའི་ཡེ་ཤེས་ ཀྱི། སྤྱན་དང་མཚུངས་པའི་འདྲེན་བྱེད་ ཐོབ་པར་ཤོག། ཞེས་བརྗོད་ཅིང་བསམ་ལ། ཡིག་དྲུག་སྟོང་ཕྲག་བཟླས་མཐར། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་གསལ་ལ་གསལ་ལེ་མུན་གསལ་ལེ་ཀུ ན་ཧྲིག་སྭཱ་ཧཱ། ཞེས་པ་སུམ་བརྒྱ་རེ་མ་མཐའ་བྱས་ ནས་བཟླ། དེ་ནས་ སྐྱབསམགསུམ་ཀུན་འདུས་བླ་མ་སྤྱན་ རས་གཟིགས། གདུང་ཤུགས་དྲག་པོས་སྙིང་ནས་གསོ ལ་བ་འདེབས། བདག་གི་སྔོན་གྱི་ལས་དང་འཕྲལ་རྐྱ ེན་དུ། གྱུར་པའི་མིག་གིམཉེས་སྐྱོན་མ་ལུ ས་པ། བྱང་ཞིང་དག་ནས་འཕགས་པའི་ཡེ་ཤེས་ ཀྱི། སྤྱན་དང་མཚུངས་པ་ཐོབ་པ་བྱིན་གྱི ས་རློབས། ཞེས་ལན་བདུན་ལ་སོགས་དད་གུས་ཤུ གས་དྲག་པོའི་སྒོ་ནས་བརྗོད་པས། འཕགས་པས་རང་གི་མིག་ཏུ་ལྗགས་མཆི ལ་བཏབ་པས། མིག་གི་ཉེས་སྐྱོན་ཐམས་ཅད་མཁའ་ལ་ ཆུ་འཛིན་དྲངས་པ་བཞིན་དུ་སོང་བར་ བསམ་ལ། སྲིན་ལག་གཡོན་པར་མཆིལ་མ་བཏབ་ལ་ རང་གི་མིག་ཏུ་བྱུགས། མཇུག་ཏུ། བླ་མ་སྤྱན་རས་གཟིགས་རང་གི་སྤྱི་ བོར་ཐིམ་པར་བསམ་ཞིང་། བསྔོ་སྨོན་གྱི་རྒྱས་གདབ་བོ། དེ་ལྟ་བུའི་ཚུལ་གྱིས་ནང་རེ་བཞི ན་གཞན་དང་ངག་མ་འདྲེས་པའི་གོང་དུ ་ཆག་མེད་དུ་ཉམས་སུ་བླངས་ན། མིག་གི་ཉེས་སྐྱོན་ལས་གྲོལ་བ་ཐེ་ ཚོམ་མེད་དོ། ཅེས་འཕགས་མཆོག་སྤྱན་རས་གཟིགས་ཀྱ ི་སྒོ་ནས་མིག་གི་ཉེས་སྐྱོན་སེལ་ བའི་གདམས་པ་ཟུག་རྔུ་ཚ་གདུང་སེལ་ བའི་ཟླ་ཟེར་ཞེས་བྱ་བ་འདི་ཡང་། དད་ལྡན་ཨ་མཆོད་སྒྲོལ་མ་འབུམ་ནས་ མིག་གི་ཟུག་རྔུར་དམིགས་པའི་ཁ་ འདོན་རྒྱུ་ཞིག་ཅི་ནས་ཀྱང་་དགོས་ ཞེས་ང་སྐུལ་མ་བྱུང་བའི་དོང་། ༧ཤཱཀྱའི་དགེ་སློང་བློ་བཟང་ཆོས་ ཀྱི་དབང་ཕྱུག་གིས་རང་གི་བསམ་ གཏན་གྱི་ཁང་བུར་སྦྱར་བ་འདིས་ཀྱ ང་འགྲོ་ཀུན་སྒྲིབ་བྲལ་ཡེ་ཤེས་ཀྱ ི་སྤྱན་ཐོབ་པའི་རྒྱུར་གྱུར་ཅིག། དངོས་གྲུབ་གཏེར་མཛོད་ཀུན་མཁྱེན་ ཙོང་ཁ་པ། དངོས་གྲུབ་འབྱུང་གནས་གསོལ་འདེ བས་དམིགས་བརྩེ་མས། དངོས་གྲུབ་འགུགས་པའི་ལས་ཚོགས་ བརྒྱ་རྩ་སོགས།དངོས་གྲུབ་སྒོ་འཕར་འབྱེད་ཕྱིར་ མཁས་མང་གསུང་། རྣམ་དག་བསམ་པས་ཀུན་གྱི་སྤྱི་ནོ ར་དུ་། རྣམ་མང་ཕྱོགས་བསྒྲིགས་པར་གསར་ བསྐྲུན་པའི་ཚེ། རྣམ་འདྲེན་ཐུབ་དབང་ཀླུ་སྒྲུབ་ཐོ གས་མེད་སོགས་རྣམ་པ་སྐུ་ཡང་་་་་ མགྲོན་གྱི་ཚུལ་དུ་བཀོད། བཀོད་པའི་བསོད་ནམས་དངོས་པོ་གང་ ཐོབ་དེ། དེ་ཡིས་གངས་ཅན་མཁས་གྲུབ་ཆུ་གཏེ ར་ལས། ལས་ཚོགས་མན་ངག་དབང་གི་རྒྱལ་པོའི ་མཛོད་། མཛོད་བརྒྱ་འབྱེད་མཁས་ཆོས་ཀྱི་ འཁོར་ལོས་བསྒྱུར། བསྒྱུར་མཛད་དམ་པས་ས་སྟེང་ཀུན་ཁྱ བ་ཤོག།
ཅེས་པ་འདི་ནི་དེང་སྟོབས་བསོད་ ནམས་ཀྱིས་ཕྱུག་པ་་་་དགེ་སློང་བླ ོ་བཟང་ཆོས་འཕེལ་ནས་ཐོ་ཡོན་བླ་མ་ ཡབ་སྲས་ཀྱིས་ཕྱོགས་བསྒྲིགས་དམི གས་བརྩེ་མའི་བེ་འབུམ་དོན་གཉེར་ ཀུན་གྱི་སྤྱི་ནོར་གཟིགས་བདེའི་ སླད་དུ་པར་གསར་བཞེངས་སྐབས་པར་བྱ ང་། སྨོན་ཚིག་དགོས་ཞེས་བསྐུལ་ངོར་སྒ ོ་སློབ་དཔོན་ཁྲི་འཛིན་ནས་སྦྱར་ བའོ།
དགེ་ལེགས་འཕེལ།
No comments:
Post a Comment