ཇོ་བོ་རྗེའི་རྟེན་འབྲེལ་འཆི་བསླུ་བྱ་བ་ལ། སྦྱོར་དངོས་རྗེས་གསུམ་ལས། དང་པོ་སྦྱོར་བ་ནི། གྱང་གི་ས་རྡོག་མཐེ་བོང་ཙམ་ཉེར་གཅིག། འཇག་མ་སོར་བཞི་ཉེར་གཅིག། མར་མེ་ཆུང་ངུ་ཉེར་གཅིག། མཐེབ་ཀྱུ་རིལ་བུ་ཆང་བུ་གླུད་ཀྱིས་བརྒྱན་པ་ཉེར་གཅིག། ཀ་ཌོ་ར་སོགས་སྣོད་ཆེ་བ་གཅིག་ཏུ་ཡོན་བདག་གི་ཕོར་པ་ཆུས་བཀང་སྟེ་བཞག། གཞན་ཡང་དཀོན་མཆོག་གསུམ་ལ་མཆོད་པ་ཅི་འབྱོར་ཕུལ་ལོ།