2024-07-01

༄༅།། སྦྱིན་སྲེག་གི་མེ་ལྷ་བརྟག་ཐབས།

                                    ༄༅།།   སྦྱིན་སྲེག་གི་མེ་ལྷ་བརྟག་ཐབས།




༅། །སྦྱིན་སྲེག་བྱེད་སྐབས་མེ་ཡི་ལྷ། །ས་གསུམ་གར་བཞུགས་བརྟགས་པའི་རྩིས། །སྟབས་བདེ་ཕྲེང་བར་བྱ་འདོད་ན། །གང་རྩིའི་ཚེས་གྲངས་བགྲངས་པའི་སྟེང༌། །འདི་ཉིན་རེས་གཟའ་གྲངས་ཀྱང་བསྣན། །དེ་སྟེང་སླར་ཡང་གཅིག་བསྣན་པ། །ཇི་ལོངས་བཞི་བཞི་བོར་བའི་ལྷག །གཅིག་ཤར་མེ་ལྷ་ལྷའི་གནས་སུ། བཞུགས་པས་སྦྱིན་སྲེག་བྱེད་པ་ན། །

སྒྲུབ་པ་པོ་ཡི་སྲོག་ལ་ངན། །གཉིས་ཤར་ས་འོག་ལ་གནས་པས། །སྲེག་བླུགས་འབུལ་ན་ཀླུ་ནད་དང༌། །ནོར་གོད་མུ་གེ་ལ་སོགས་འབྱུང་། གསུམ་དང་ཐིག་ལེ་སཾ་སྟེང་གནས། །སྲེག་བླུགས་འབུལ་ན་སྒྲུབ་པ་པོར། །དངོས་གྲུབ་རྣམ་གཉིས་འཐོབ་པར་འགྱུར། །ཞེས་གསུངས་སོ། །དོན་ནི། ། དཔེར་ན། བོད་ཟླ་དྲུག་པའི་ཚེས་གཅིག་ཉིན་སྲེག་བླུག་བྱ་འདོད་ན། ཚེས་གཅིག་ཡིན་པས་ཕྲེང་བ་གཅིག་གཏང༌། དེའི་ཉིན་རེས་གཟའ་མིག་དམར་ཡིན་ན། ཉི་མ་་་ཟླ་བ་་་མིག་དམར་་་ཞེས་ཕྲེང་བ་གསུམ་གཏང༌། དེའི་སྟེང་སླར་ཡང་ཕྲེང་བ་གཅིག་བསྣན་པས། ཡོངས་སྡོམ་ཕྲེང་གྲངས་ལྔར་གྱུར་ལ། དེ་ལས་བཞི་འཐེན་པས་གཅིག་ལུས། གཅིག་ཤར་ན། མེ་ལྷ་དྲང་སྲོང་སུམ་ཅུ་རྩ་གསུམ་དུ་བཞུགས་ཡོད་པས། སྦྱིན་སྲེག་འབུལ་མི་རུང་། ཞེས་དང་༽ཚེས་གསུམ་ཆད་པའི་བཞི་ལ་སྦྱིན་སྲེག་བྱ་དགོས་ན། ཚེས་གཅིག་་་གཉིས་་་བཞི་་་ཞེས་ཕྲེང་བ་གསུམ་གཏང༌། དེའི་ཉིན་རེས་གཟའ་སྤེན་པ་ཡིན་ན། ཉི་མ་་་ཟླ་བ་་་མིག་དམར་་་ལྷག་པ་་་ཕུར་བུ་་་པ་སངས་་་སྤེན་པ་་་ཞེས་ཕྲེང་བ་བདུན་གཏང་། །དེ་སྟེང་གཅིག་བསྣན་པས། །ཡོངས་སྡོམ་གྲངས་བཅུ་གཅིག་ཏུ་འགྱུར་ལ། དེ་ལས་བཞི་ཚན་གཉིས་འཐེན་པས། གྲངས་གསུམ་ལྷག་མ་ལུས་སོ། །དེ་ལ་མེ་ལྷ་དྲང་སྲོང་ས་སྟེང་དུ་བཞུགས་ཡོད་པས། སྦྱིན་སྲེག་བྱ་རུང་ཞིང་། བྱེད་ན་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཐོབ་བོ། །གསུམ་དང་ཐིག་ལེ་ས་སྟེང་གནས། །ཞེས་པའི་ཐིག་ལེ་སྟེ་སྟོང་པ་འཐོན་ནའང་་་མེ་ལྷ་ས་སྟེང་དུ་གནས་པས་སྲེག་བླུག་རུང་ཞེས་པའོ། །ཡང་ཚེས་ལྷག་པ་ལྟ་བུ་ལ་ནི་་་་་ཚེས་གཅིག་་་གཉིས་་་གསུམ་་་བཞི་་་བཞི་་་ཞེས་གྲངས་འདྲེན་དགོས་སོ།། དགེའོ།། དགེའོ།།

No comments:

Post a Comment